Dolma Kyab | Snow Mountain | གངས་རི། -སྒྲོལ་མ་སྐྱབས། | (official video)March 30, 2021

࿐སྲིད་པའི་གངས་རི། གཞས་ཚིག།: ———— སྲིད་པའི་གངས་རི། ས་ཆེན་མཁའ་ལ་འཕགས་པའི་གཤོག་པ། སུ་ཡི་རྨི་ལམ་གང་ལ་ཁྱེར་སོང་། ག་རེ་ལུས་སོང་། སུ་ཡི་ལྷམ་ཆུང་རླུང་གིས་ཟད་སོང་། རང་ཡུལ་དྲན་སོང་། ཨོ་་་། གངས་རི། སྐྱེས་དུས་མིག་ལ་ཐོགས་པའི་གངས་རི། རྒས་དུས་ཞེ་ལ་ཐོགས་པའི་གངས་རི། འོ་་་། ཕ་ཡུལ། ས་མཐའི་ཁ་བ་ཆར་དུ་གྱུར་སོང་། ཆར་ཆུ་མིག་ལ་འཁྱིལ་སོང་། ཕ་མ་སྤུན་མཆེད་སྙིང་ནས་དྲན་བྱུང་། ཡུལ་ལ་ལོག་ན་བསམ་བྱུང་། ———— གངས་ཆབ་སྔོན་མོ། བརྩེ་ཆེན་ས་ལ་བཀྲམ་པའི་ཉིང་ཁུ། སུ་ཡི་སྨོན་འདུན་གང་ལ་ཁྱེར་སོང་། ག་རེ་ལུས་སོང་། སུ་ཡི་ཞེ་རྩ་འཁྱགས་པས་བསྡམས་སོང་། མགྲིན་པ་བརྣངས་སོང་། ཨོ་་་། གངས་ཆུ། སྐྱེས་དུས་ཁ་ལ་བཏུང་བའི་གངས་ཆུ། རྒས་དུས་ཡིད་ལ་འཁོར་བའི་གངས་ཆུ། འོ་་་། ཕ་ཡུལ། ས་མཐའི་ཁ་བ་ཆར་དུ་གྱུར་སོང་། ཆར་ཆུ་མིག་ལ་འཁྱིལ་སོང་། ཕ་མ་སྤུན་མཆེད་སྙིང་ནས་དྲན་བྱུང་། ཡུལ་ལ་ལོག་ན་བསམ་བྱུང་། (x2) ——— ཚིག སྨན་བླ་སྐྱབས། གདངས། སྒྲོལ་མ་སྐྱབས། གཞས་པ། སྒྲོལ་མ་སྐྱབས། ——— @ltenzin9 #UniversalMountain #tibetanmusic Twitter: Tibetan First
Back to Top